
བྱིས་པའི་གླུ་གཞས། Children's songs
བྱིས་པའི་གླུ་གཞས། Children's songs
རི་བོང་ཁ་ཤོ། ཚིག འབྲོག་ནགཨ་ཁུ་སྤྱང་ཀི་གདུག་རྩུབ་ཅན།།ལྷམ་ཆུང་གོན་ནས་རི་ཁར་ཕྱིན།།ལུག་རྫི་རྒན་པོས་གསོད་ལ་ཁད།། རི་བོང་ཡ།...
རྩ་བའི་བླ་མ༧སྤྱི་ནོར༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་རླབས་ཆེ་བའི་མཛད་འཕྲིན་གྱི་ཆ་ཕྲ་མོ་ཙམ་དང་བོད་མི་རིགས་ཀྱི་དད་འདུན་མཚོན་ཕྱིར་སྐུའི་གྱ་སྟོན་ལ་ཕུལ་བའི་<གཞས་ཚིག་སྤྲིན་
དཀར་འོད་>ཅེས་པ་འདི་ནི།...
ཁོ་བོའི་སྨྱུག་མིང་ལ་ཤིས་ཚང་ལྗང་མྱུག་དང་། དྲ་མིང་ལ་འབར་ཞུན་ཞེས་འབོད། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ནང་མདོ་ལྷོའི་ཀླུ་ཆུའི་ཡུལ་དུ་སྐྱེས།...
བྱིས་པའི་གླུ་གཞས། Children's songs
09/03/2013 23:04
དམངས་ཁྲོད་ཀྱི་བྱིས་གླུ་ནི་ངག་ཐོག་རྩོམ་རིག་གི་རྣམ་པ་མ་བཅོས་རང་གཟུགས་སུ་དོད་པའི་བྱིས་པའི་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་ལ། བྱིས་པ་རྣམས་ཐོག་དང་པོར་རྩོམ་རིག་དང་འབྲེལ་འདྲིས་བྱུང་བའི་བརྩམས་ཆོས་ཀྱང་བྱིས་གླུ་ཉིད་ལས་མེད། དེར་ཉམས་དང་འགྱུར་བས་ལྟེམས་པའི་ལུས་ཀྱི་འགུལ་སྐྱོད་དང་ངག་གི་འགྱུར་ཁུགས།...
Topic: བྱིས་པའི་གླུ་གཞས། Children's songs
for tibet
I love Wild yaks
sherab choedon
12/05/2014
Just love all your tibetan story books and kids songs. Please upload with lyrics so that we could teach our kids. Thanks
New comment
བྱིས་པའི་གླུ་གཞས་གསར་བ། New Children's Songs
མེ་ཏོག་འཐུ་རུ་འགྲོ། མེ་ཏོག་འཐུ་རུ་འགྲོ།
གྲོགས་པོ་ཆུང་ཆུང་ཚོ། མེ་ཏོག་སེར་ཆེན་འཐུ་རུ་འགྲོ།
སྨྱུག་མའི་རྟ་ཕོ་ཞོན་ནས་། ཨོང་ཤ་ལག་པའི་འབྲབ་ནས།
མེ་ཏོག་སེར་ཆེན་འཐུ་རུ་འགྲོ། གྲོགས་པོ་ཆུང་ཆུང་ཚོ།།
ཆུ་ཁར་འགྲོ། ཆུ་ཁར་འགྲོ།།
གྲོགས་པོ་ཆུང་ཆུང་ཚོ། རྩེད་མོ་རྩེ་རུ་ཆུ་ཁར་འགྲོ།།
འདམ་གྱི་སྦྲ་གུར་ཕིབས་ནས།...
ང་ཚོ་ཚང་མ་གངས་ཀྱི་བུ་ཕྲུག་ཡིན།།
ང་ཚོའི་ཕ་མས་གངས་ཆུ་འཐུང་ནས་ཡོང་།།
ང་ཚོ་ཕ་ཡུལ་ཕྱོགས་སུ་འགྲོ་ཡ་འགྲོ།
གངས་ཆུ་དྭངས་མོ་འཐུང་གི་འགྲོ་ཡ་འགྲོ།
...
བྱིས་པའི་གླུ་གཞས། Childrens' songs
30/07/2011 12:43
ཨ་ཅག་ཁྲུང་ཁྲུང་དཀར་མོ།།
ཞབས་བྲོ་གཅིག་ནི་འཁྲབ་དང་།།
ཨ་ཇོ་ལྷ་སར་ཕྱིན་ནས།།
ལྷམ་ཆུང་ཆ་གཅིག་ཉོས་ཆོག།
ཁྲོམ་སྟོད་ཡར་ལ་ཕྱིན་ཡོད།
ཁྲོམ་སྨད་མར་ལ་ཕྱིན་ཡོད།
ཁྲུང་ཁྲུང་དཀར་མོར་རན་པའི།།
གསེར་གྱི་ལྷམ་གཅིག་ཉོས་ཡོད།།
ཨ་ཅག་ཁྲུང་ཁྲུང་དཀར་མོ།།
ཞབས་བྲོ་གཅིག་ནི་འཁྲབ་རོགས།།
གླུ་མ་ཟླ
30/07/2011 12:03
དཀོན་མཆོག་གསུམ་པོ་ང་ཡི་སྐྱབས་གནས་ཡིན།
རྒྱལ་བ་པན་ཆེན་ང་ཡི་བླ་མ་ཡིན།།
ཕོ་བྲང་དམར་པོ་བླ་མའི་བླ་མཁར་ཡིན།
བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།
གངས་ལྗོངས་ཕྱུག་མོ་ང་ཡི་ཕ་ཡུལ་ཡིན།
གནས་མཆོག་ལྷ་ས་ང་ཡི་རྒྱལ་ས་ཡིན།
གངས་སེང་དར་ཆ་ང་ཡི་རྒྱལ་དར་ཡིན།
བུ་ཆུང་ང་ནི་བོད་ཀྱི་བདག་པོ་ཡིན།
བོད
28/07/2011 16:25
ངོ་ཚོ་བོད་རིགས་སྤུན་ཟླ།།
ཕན་ཚུན་མཛའ་བརྩེའི་སེམས་ཀྱིས།།
རྡོང་རྩ་ཆིག་བསྒྲིལ་ངང་ནས།།
མི་མང་ཞབས་འདེགས་ཞུ་ཆོག།
རྒྱལ་ཀུན་སྙིང་རྗེའི་ཕུང་བོ།།
ངུར་སྨྲིག་གར་གྱི་རྣམ་རོལ།།
གོང་ས་བསྟན་འཛིན་རྒྱ་མཚོས།།
ཅི་གསུང་བཀའ་བཞིན་བསྒྲུབ་ཆོག།
གངས་རི་རྭ་བས་བསྐོར་བའི།།
བོད་ལྗོངས་ཆོས་ཀྱི་ཞ
28/07/2011 16:06
རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད།།
རྩེད་ཐང་སྒང་ལ་རྩེད་མོ་རྩེ་རྒྱུ་ཡོད་རེད།།
རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད།།
རྩེད་ཐང་སྒང་ལ་ཐག་མཆོང་རྒྱག་རྒྱུ་ཡོད་རེད།།
རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད།།
རྩེད་ཐང་སྒང་ལ་རྒྱུག་ཤད་གློད་རྒྱུ་ཡོད་རེད།།
རྩེད་ཐང་སྒང་ལ་མེད་པ་གཅིག་
28/07/2011 11:08
ཀ། བོད་ཀྱི་ཡི་གེ་གསལ་བྱེད་ག་ཚོད་ཡོད་རེད།
ཁ། བོད་ཀྱི་ཡི་གེར་གསལ་བྱེད་སུམ་ཅུ་ཡོད་རེད།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ།
ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།
ཀ། ...
28/07/2011 10:42
རྡོ་རྗེ་བྲག་ལ་བུ་ཞིག་ཡོད།
བུ་དེའི་མིང་ལ་ཅི་ཞིག་ཟེར།།
བུ་དེའི་མིང་ལ་ལྷ་བུ་དར་པོ་ཟེར།། ...
28/07/2011 10:16
པོ་ཏ་ལ་ཡི་རྒྱབ་རི།། རྒྱབ་རི་བྲག་ལ་བཅོལ་ཡོད།།
རྒོད་པོ་བརྒྱ་ཡིས་བབས་ས།། རྒོད་ཕྲུག་སྐྱིད་ཉལ་རྒྱག་ས།།
པོ་ཏ་ལ་ཡི་མདུན་རི།། མདུན་རི་མཚོ་ལ་བཅོལ་ཡོད།།
ངང་བ་བརྒྱ་ཡི་བབས་ས།། ངང་ཕྲུག་སྐྱིད་ཉས་རྒྱག་ས།།
འཛམ་བུ་གླིང་གི་ཉི་མ།། པོ་ཏ་ལ་ནས་ཤར་བྱུང་།།
ཤར་བ་ཙམ་དུ་མ་ཟད།...
28/07/2011 09:59
ཤར་ནས་ཟླ་བ་ཤར་བྱུང་།།
རི་བོང་བློ་ལྡན་ཤེས་རབ།།
ཟླ་བ་འདི་ནི་ཕར་འགྲོ།
བཀྲ་ཤིས་ཟླ་བ་དཀར་པོ།།
དཀར་པོའི་གོར་གོར་ཤར་བྱུང་།།
མཇལ་ཡོང་བསམ་པ་མ་བྱུང་།།
རྟིང་མའི་ཟླ་བ་ཚུར་ཡོང་།།
ཟླ་སྟོད་ཕྱོགས་ནས་ཆས་ཡོང་།།
སྐལ་བཟང་ལགས།།
ཤར་ལ་རྒྱ་མཚོ་རི་ལ་བཤད་པ་ཡོད།
རྒྱ་མཚ
28/07/2011 09:37
༄༅།། གྲུ་འཛིན་རི་བོའི་རྩེ་ནས།།
སྙིང་རྗེའི་ཆ་ཤས་རྫོགས་པའི།།
དཀར་གསལ་མཚན་དཔེའི་ཟླ་བ།།
ཡིད་ཀྱི་དཔྱིད་དུ་ཤར་ཡོད།།
གཏན་བདེའི་ལམ་བཟང་སྟོན་པའི།།
དྲུག་ལྡན་ཚང་བའི་དབྱངས་སྙན།།...
27/07/2011 23:51
༄༅།།གནས་ལ་གནམ་གྲུ་འགྲོ་གི།
གསེར་གྱི་གནམ་གྲུ་འགྲོ་གི།
གསེར་གྱི་གནམ་གྲུ་ནང་ལ།།
ཡིད་བཞིན་ནོར་བུ་ཕེབས་སོང་།།
ས་ལ་རླངས་འཁོར་འགྲོ་གི།
གཡུ་ཡི་རླངས་འཁོར་འགྲོ་གི།
གཡུ་ཡི་རླངས་འཁོར་ནང་ལ།།
པན་ཆེན་བླ་མ་ཕེབས་སོང་།།