༄༅།། པོ་ཏ་ལ།

28/07/2011 10:16

པོ་ཏ་ལ་ཡི་རྒྱབ་རི།། རྒྱབ་རི་བྲག་ལ་བཅོལ་ཡོད།།

རྒོད་པོ་བརྒྱ་ཡིས་བབས་ས།། རྒོད་ཕྲུག་སྐྱིད་ཉལ་རྒྱག་ས།།

 

པོ་ཏ་ལ་ཡི་མདུན་རི།།  མདུན་རི་མཚོ་ལ་བཅོལ་ཡོད།།

ངང་བ་བརྒྱ་ཡི་བབས་ས།། ངང་ཕྲུག་སྐྱིད་ཉས་རྒྱག་ས།།

 

འཛམ་བུ་གླིང་གི་ཉི་མ།། པོ་ཏ་ལ་ནས་ཤར་བྱུང་།།

ཤར་བ་ཙམ་དུ་མ་ཟད། གླིང་བཞི་དྲོད་ལ་བཀོད་སོང་།།

 

རྒྱལ་བ་ཐམས་ཅད་མཁྱེན་པ།། གསེར་ཁྲིའི་སྟེང་དུ་བཞུགས་ཡོད།

ཡར་ལ་མཇལ་དར་ཕུས་བས།། མར་ལ་ཕྱག་མདུན་གནང་བྱུང་།།

 

ཕྱག་མདུན་སྐེ་ལ་གྱོན་ནས།། རང་ཡུལ་ཕྱོགས་ལ་ལོག་འགྲོ།

ཚེ་ཐག་ཡིན་དུ་རིང་བའི།། ཚེ་དབང་ཚེ་མདུད་གནང་བྱུང་།།

Contact

Administrator 416-453-9887 admin@wildyaks.com