༄༅།། ལྷ་བུ་དར་པོས་གླིང་བཞི་སྐོར།

28/07/2011 10:42

རྡོ་རྗེ་བྲག་ལ་བུ་ཞིག་ཡོད། 

བུ་དེའི་མིང་ལ་ཅི་ཞིག་ཟེར།།

བུ་དེའི་མིང་ལ་ལྷ་བུ་དར་པོ་ཟེར།། 

ལྷ་བུ་དར་པོས་གླིང་བཞི་བསྐོར།།

 

ཤར་འདི་རྒྱ་ནག་ཡུལ་ལ་ཕྱིན།

ལྷོ་འདི་རྒྱ་གར་ཡུལ་ལ་ཕྱིན།

ནུབ་འདི་ཏ་ཟིག་ཡུལ་ལ་ཕྱིན།

བྱང་འདི་ཧོར་གྱི་ཡུལ་ལ་ཕྱིན།

 

ཡུལ་ཕྱོགས་རེ་ལ་ཞག་གསུམ་བསྡད།

ད་ནི་རང་ཡུལ་ལོག་ན་བསམ།།

དེ་ནས་བོད་ཀྱི་ཡུལ་ལ་ཡོང་།།

ལོ་དགུ་ཟླ་དགུ་ཞག་དགུ་བསྡད།

 

ད་དུང་བསྡད་ན་བསྡད་ན་བསམ།།

ཡུལ་འདིར་སེམས་པ་སྐྱིད་དང་གཅིག།

གནས་འདིར་ལུས་པོ་བདེ་དང་གཉིས།།

ས་འདིའི་ས་བཅུད་ཆེ་དང་གསུམ།།

 

དུས་བཞི་ཚ་གྲང་སྙོམས་དང་བཞི།།

མི་རྣམས་སེམས་པ་བཟང་དང་ལྔ།།

ལྔ་འཛོམས་དགོང་མོ་ནང་ལ་རུབ།།

བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ།།

 

 

Contact

Administrator 416-453-9887 admin@wildyaks.com