ཁེད

04/01/2018 10:32

རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན།།

རྟའི་སྒྲོག

ཁ་མི་གྲགས་པའི་དགེ་རྒན།།

 དཔེ་ཆ

ཁྱོད་སྡོད་ང་འགྲོ།།

རྐང་རྗེས

གུར་དཀར་པོ་ནང་གི་ཟས་རང་ཆགས།།

རྐང

གྲལ་བཞི་གྲུ་བཞི་མ།། གྲུ་ག་བཞི་ན་དགེ་སློང་བཞི།།

ཏ་ལེན

འགྲོ་མི་ཤེས་མ་མོ་སུག་བཞི་མ།།

ཅོག་ཙེ

ང་མ་ཐུག་ཐོར་འགྲོ།།

ཟིལ་བ

ལྕགས་ཀྱི་སྐས་མེད་ན་ཤིང་གི་ཉག་ལ་མི་བུད།།

རྟ་ཞོན་པ

མཆུ་ཏོ་མེད་པའི་དོང་བརྐོ་མ།།

ཐིགས་ཆུ

ཉིན་མཚན་མེད་པར་ལངས་ནས་འདུག།

སྡོང་བོ

 གཡག་གཅིག་ཐག་པ་བརྒྱ་ཡིས་བཏགས།

སྦྲ

འཕུར་ནས་སླེབས་རྒྱུ་མེད་པ།

དར་ཆ

མེ་ཏོག་སྟེང་གི་གླུ་ལེན་མ།

སྦྲང་མ

རྡོ་སྔོ་ལེབ་ཐོག་གི་རྡེའུ་ཁྲ་ལེབ།

སྐར་མ

བན་དེ་གཟན་ཤམ་དམར་པོ་ཅན།། ཁོག་ན་ཤིང་གི་གྲོད་པུ་ཅན།།

ཁམ་བུ་རག་ཤ

 བྲག་ངོའི་ར་མ་སྔོ་རིས་མ།།ལྷུང་ལ་ཡོད་ཀྱང་ལྷུང་རྒྱུ་མེད།།

ཟྭ། སྒོ་ལྕགས།

ཙན་དན་སྡོང་བོའི་རྩེ་མོ་ནས།། གཡུ་འབྲུག་སྔོན་མོས་འཁྱུག་འགྲོས་བྱེད།།

 བདུག་སྤོས