བོད་མའི་སྐྱབས་མགོན།

24/03/2014 23:41
"In the practice of tolerance, one's enemy is the best teacher."
བཟོད་པ་ཉམས་ལེན་བྱེད་དུས། དགྲ་བོ་ནི་ཆེས་ཡག་ཤོས་ཀྱི་དགེ་རྒན་དེ་ཡིན།
 
"If you can, help others; if you cannot do that, at least do not harm them."
གལ་ཏེ་རང་གི་འཇོན་ན། གཞན་ལ་རོགས་རམ་གྱིས། གལ་ཏེ་དེ་ལྟར་མ་འཇོན་ན། མ་མཐའ་འང་གཞན་ལ་གནོད་པ་མ་བྱེད།
 
"My religion is very simple. My religion is kindness."
ངའི་ཆོས་ལུགས་ནི་ཧ་ཅང་སྟབས་བདེ་ཡིན། ངའི་ཆོས་ལུགས་ནི་བྱམས་སྙིང་རྗེ་ཡིན།
 
"Happiness is not something ready made. It comes from your own actions."
བདེ་སྐྱིད་ནི་སྔོན་མ་ནས་བཟོས་ཟིན་པ་ཞིག་མ་ཡིན་པར། དེ་ནི་རང་གི་ཀུན་སྤྱོད་ལ་བརྟེན་ནས་འབྱུང་བ་ཞིག་ཡིན།
 
"Our prime purpose in this life is to help others."
ང་ཚོའི་མི་ཚེ་འདིའི་དོན་སྙིང་གཙོ་བོ་ནི། གཞན་ལ་རོགས་རམ་བྱེད་རྒྱུ་དེ་ཡིན།
 
"Love and compassion are necessities, not luxuries. Without them humanity cannot survive."
བྱམས་སྙིང་རྗེ་གཉིས་ནི་ངེས་པར་དུ་དགོས་པ་ཞིག་ཡིན་པ་ལས། རྒྱས་སྤྲོས་བྱེད་སྤྱད་ཅིག་མ་རེད། བྱམས་པ་དང་སྙིང་རྗེ་གཉིས་མེད་ན། འགྲོ་བ་མིའི་རིགས་འཚོ་གནས་བྱེད་ཐུབ་ཀྱི་མ་རེད།
 
"There is no need for temples, no need for complicated philosophies. My brain and my heart are my temples; my philosophy is kindness."
ལྷ་ཁང་དང་མཆོད་ཁང་མི་དགོས་ལ། གོ་དཀའ་བའི་མཚན་ཉིད་རིག་པའང་མི་དགོས། ངའི་ཀླད་པ་དང་ངའི་སེམས་པ་ནི་ལྷ་ཁང་དང་མཆོད་ཁང་ཡིན། ངའི་མཚན་ཉིད་རིག་པ་ནི་བྱམས་བརྩེ་ཡིན།
 
"If you want others to be happy, practice compassion. If you want to be happy, practice compassion."
གཞན་བདེ་བར་འདོད་ན། བྱམས་སྙིང་རྗེ་ཉམས་ལེན་གྱིས། རང་བདེ་བར་འདོད་ན། བྱམས་སྙིང་རྗེ་ཉམས་ལེན་གྱིས།
 
"We can never obtain peace in the outer world until we make peace with ourselves."
ང་ཚོས་རང་སེམས་ལ་ཞི་བདེ་བཟོ་མ་ཐུབ་པར་དུ། ཕྱིའི་འཇིག་རྟེན་ལས་ཞི་བདེ་ནམ་ཡང་རེག་མི་སྲིད།
 
"A lack of transparency results in distrust and a deep sense of insecurity."
ཡིད་ཆེས་མེད་པ་དང་གདེང་ཚོད་གཏིང་ཟབ་མེད་པ་དེ་ནི་ཕྱི་གསལ་ནང་གསལ་མེད་པའི་འབྲས་བུ་རེད།
 
"When you practice gratefulness, there is a sense of respect toward others."
བཀའ་དྲིན་བསམ་ཤེས་ཉམས་སུ་ལེན་པའི་ཚེ་ན། གཞན་ལ་བརྩི་བཀུར་གྱི་འདུ་ཤེས་དེ་ཡོད་པ་རེད།
 
"The best way to resolve any problem in the human world is for all sides to sit down and talk."
འགྲོ་བ་མིའི་འཇིན་རྟེན་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཆེས་ཡག་ཤོས་ནི། ཕྱོགས་ཚང་མ་མར་ས་ལ་བསྡད་དེ་སྐད་ཆ་བཤད་རྒྱུ་དེ་རེད།
 
"If you have a particular faith or religion, that is good. But you can survive without it."
ཁྱེད་ལ་དམིགས་བསལ་དད་པ་བྱེད་ས་དང་ཆོས་ལུགས་ཡོད་ན་ཡག་པོ་རེད། དེ་མེད་ནའང་། ཁྱེད་རང་འཚོ་གནས་བྱེད་ཐུབ་ཀྱི་རེད།
 
"With realization of one's own potential and self-confidence in one's ability, one can build a better world."
རང་གི་ནུས་སྟོབས་ལ་ཤེས་རྟོགས་ཡོད་པ་དང་། རང་གི་འཇོན་ཐང་ལ་གདེང་ཚོད་ཡོད་པ་ཡིན་ན། མི་དེས་སྔར་ལས་ཡག་པོའི་འཇིག་རྟེན་ཞིག་བསྐྲུན་ཐུབ་ངེས།
 
"Generally speaking, if a human being never shows anger, then I think something's wrong. He's not right in the brain."
སྤྱིར་བཤད་ན། མི་ཞིག་ལ་ཁོང་ཁྲོ་ཁྱོན་ནས་ལངས་རྒྱུ་མེད་ན། ངས་བསམ་ཚུལ་ལ། མི་དེ་ལ་ཅིག་འགྲིག་མེད་པ་རེད། མི་དེའི་ཀླད་པ་ལ་ཅིག་འགྲིག་མེད་པ་རེད།
 
"Look at situations from all angles, and you will become more open."
གནས་བབ་དཔྱད་དུས། གནས་བབ་གྱི་གྲུ་ཟུར་རེ་རེ་ནས་གཟིགས་དང། རང་གི་སེམས་རྒྱ་ཆེ་རུ་འགྲོ་ངེས།
 
"The roots of all goodness lie in the soil of appreciation for goodness."
ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི། བཀའ་དྲིན་རྗེས་སུ་དྲན་པའི་ཞིང་ས་དེ་ཡིན།
 
"The ultimate authority must always rest with the individual's own reason and critical analysis."
དུས་ནམ་ཡིན་ཡང་མཐའ་མའི་དབང་ཆ་དེ་ངེས་པར་དུ། མི་སྒེར་རང་ཉིད་ཀྱི་གནས་ལུགས་དང་གནད་ལ་འཁེལ་བའི་དབྱེ་ཞིབ་ལ་བརྟེན་དགོས།
 
"My faith helps me overcome such negative emotions and find my equilibrium."
ངའི་རྒྱུད་ཀྱི་དད་པ་དེས་ཉོན་མོངས་པའི་སེམས་དབང་དུ་སྡུད་པ་དང་། སེམས་ཀྱི་ཞི་བདེ་འཚོལ་བ་ལ་ཕན་ཐོགས་ཡོད།
 
"Some mischievous people always there. Last several thousand years, always there. In future, also."
དུས་ནམ་ཡིན་ཡང་། རྙོག་གྲ་ཚ་བའི་མི་ཉུང་ཤས་ཤིག་ཡོད་པ་རེད། སྔོན་མ་ལོ་སྟོང་ཕྲག་མང་བོའི་རིང་ལ་བྱུང་པ་རེད་ལ། མ་འོངས་པར་ཡང་འབྱུང་ངེས་རེད།
 
I describe myself as a simple Buddhist monk. No more, no less."
ངས་ང་རང་ལ་འགྲེལ་བརྗོད་བྱེད་དུས། ནང་པའི་གྲྭ་རྐྱང་ཞིག་ཡིན་ཅེས་ཤོད་ཀྱི་ཡོད། དེ་ལས་མཆོག་མིན་ལ། དེ་ལས་དམན་ཡང་མིན།
 
“The true hero is one who conquers his own anger and hatred.”
རང་རྒྱུད་ཀྱི་ཞེ་སྡང་དང་ཁོང་ཁྲོ་དབང་དུ་བསྡུ་མཁན་དེ་ནི། དོན་དམ་པའི་དཔའ་བོ་རེད།
 
“Where ignorance is our master, there is no possibility of real peace.”
མ་རིག་པས་དབང་བསྒྱུར་བྱས་ཡོད་པའི་ས་ན། དོན་དམ་པའི་ཞི་བདེ་ཡོང་མི་སྲིད་པ་མ་རེད།
 
“Compassion is not religious business, it is human business, it is not luxury, it is essential for our own peace and mental stability, it is essential for human survival.”
བྱམས་སྙིང་རྗེ་ནི་ཆོས་ལུགས་ཀྱི་བྱ་བཞག་ཅིག་མ་རེད། དེ་ནི་འགྲོ་བ་མིའི་བྱ་བཞག་ཅིག་རེད། རྒྱས་སྤྲོས་བྱེད་སྤྱད་ཅིག་མ་རེད། དེ་ནི་རང་རྒྱུད་ཀྱི་ཞི་བདེ་དང་། སེམས་ཀྱི་བརྟན་བརླིང་ལ་མཁོ་གལ་ཡོད་པ་ཞིག་པ་དང་། འགྲོ་བ་མའི་འཚོ་གནས་ལ་མཁོ་གལ་ཡོད་པ་ཞིག་རེད།
 
“Someone else’s action should not determine your response.”
མི་གཞན་ཞིག་གི་བྱ་སྤྱོད་དེ་ནི། ཁྱེད་ཀྱིས་ལན་འདེབས་ག་རེ་གནང་མིན་གྱི་ཐག་གཅོད་བྱེད་དེ་ཡིན་མི་དགོས།
 
“Happiness doesn’t always come from a pursuit. Sometimes it comes when we least expect it.”
བདེ་སྐྱིད་ནི་དུས་རྟག་ཏུ་བཙལ་ནས་རྙེད་པ་ཞིག་མ་ཡིན་པར། མཚམས་རེར་རེ་བ་རྒྱག་མ་མྱོང་ས་ནས་འོང་རྒྱུའང་ཡོད།
 
“Anger is the ultimate destroyer of your own peace of mind”
སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་དེ་ཁོང་ཁྲོ་ཡིན།
 
“If a problem can be solved it will be. If it can not be solved there is no use worrying about it.”
དཀའ་རྙོག་སེལ་ཐུབ་པ་ཞིག་ཡིན་ན། དེ་སེལ་འགྲོ་གི་རེད། གལ་ཏེ་སེལ་ཐུབ་པ་ཞིག་མིན་ན། སེམས་ཁྲལ་བྱས་ནས་ཡོང་རྒྱུ་ཅི་ཡང་མེད།
 
“The ultimate source of happiness is not money and power, but warm-heartedness”
བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་དེ་སྒོར་མོོ་དང་དབང་ཆ་མ་ཡིན་པར། སེམས་བཟང་བོ་དེ་རེད།
 
“We must recognize that the suffering of one person or one nation is the suffering of humanity.”
འགྲོ་བ་མི་གཅིག་གི་སྡུག་བསྔལ་དང་། ཡང་ན་རྒྱལ་ཁབ་ཅིག་གི་སྡུག་བསྔལ་དེ་ནི། འགྲོ་བ་མིའི་རིགས་ཡོངས་ཀྱི་སྡུག་བསྔལ་ཡིན་པར་ངོས་འཛིན་གནང་དགོས།
 
"To conquer oneself is a greater victory than to conquer thousands in a battle."
རང་ཉིད་དབང་དུ་བསྡུ་བ་ནི་འཐབ་འཛིང་ཁྲོད་དུ་མི་སྟོང་ཕྲག་མང་བོ་དབང་དུ་བསྡུ་བ་ལས་ལྷག་པའི་རྒྱལ་ཁ་ཆེན་པོ་རེད།
 
 "Tragedy should be utilized as a source of strength."
རྐྱེན་ངན་གོད་ཆག་དེ་རང་གི་ནུས་ཤུགས་ཀྱི་འབྱུང་ཁུངས་སུ་བེད་སྤྱོད་བྱེད་དགོས།
 
"If you wish to experience peace, provide peace for others"
གལ་ཏེ་རང་ལ་ཞི་བདེ་ཉམས་སུ་མྱོང་འདོད་ཡོད་ན། གཞན་ལ་ཞི་བདེ་སྤྲོད་དགོས།
 
"Remember that silence is sometime the best answer"
སྐབས་རེར།ཁ་རོག་ཏུ་འདུག་པ་ནི་ཆེས་ཡག་ཤོས་ཀྱི་ལན་འདེབས་དེ་ཡིན་པ་དྲན་དགོས།
 
"You should not consider tolerance and forgiveness signs of weakness, but signs of strength"
བཟོད་པ་སྒོམ་པ་དང་གུ་ཡངས་གནང་བ་ནི་ནུས་པ་མེད་པའི་མཚོན་རྟགས་རེད་བསམ་མི་ཉན། དེ་ནི་ནུས་ཤུགས་ཀྱི་མཚོན་རྟགས་ཡིན།
 
"Using force is not a sign of strength, but rather a sign of weakness"
དྲག་ཤུགས་བེད་སྤྱོད་བྱེད་པ་ནི་ནུས་སྟོབས་ཆེ་བའི་རྟགས་མཚན་ཞིག་མ་ཡིན་པར། དེ་ནི་ནུས་པ་མེད་པའི་མཚོན་རྟགས་ཤིག་རེད།
 
"Change only takes place through action, not through meditation and prayer alone."
འགྱུར་བ་ནི་ལག་ལེན་ཁོ་ན་བརྒྱུད་ནས་འབྱུང་ཐུབ་པ་ཞིག་ཡིན་པ་ལས། སྒོམ་རྒྱག་པ་དང་སྨོན་ལམ་རྒྱག་པ་གཅིག་པོ་ལས་འབྱུང་བ་ཞིག་མ་རེད།
 
མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

 

Contact

Administrator 416-453-9887 admin@wildyaks.com