བླ་རྒན་ཤན།

22/10/2015 08:40

སྔོན་ཆད་ཞིག་ན། རུས་མིང་ལ་ཤན་ཟེར་བའི་རྒྱ་ནག་གི་བླ་རྒན་ཞིག་ཡོད།དུས་སྐབས་དེར་བླ་རྒན་དེ་སྙན་གྲགས་ཆེན་པོ་ཡོད་ནའང་། མི་ཧ་ཅང་ཁེངས་དྲེགས་ཅན་ཞིག་རེད།

སྐབས་དེར། གྲོང་གསེབ་ཅིག་ཏུ་གནས་སྡོད་བྱེད་པའི་སྐྱེས་པ་གོ་ཆན་ཟེར་བ་ཞིག་ཡོད་པ་དེས། བླ་རྒན་ཤན་ཧ་ཅང་ཁེངས་དྲེགས་ཆེ་བ་ཞིག་ཡིན་པ་ཐོས་པ་དང། སེམས་ལ། བླ་རྒན་དེ་ལ་བསམ་ཤེས་སུ་འཇུག་དགོས་སྙམ་སྟེ། བླ་རྒན་ཤན་འཚོལ་དུ་ཕྱིན་པ་རེད།

གོ་ཆན་བླ་རྒན་ཤན་གྱི་དྲུང་དུ་འབྱོར་དུས། བླ་རྒན་ཤན་གྱིས་ཁོ་ལ་བསུ་མ་བྱེད་རྒྱུ་ཕར་ཞོག མིག་ཟུར་ཙམ་གྱིས་ཀྱང་མ་བལྟས། དེ་ནས་བླ་རྒན་ཤན་གྱི་མདུན་འདུག་པ་ཞིག་སླེབས་ཏེ། "རིན་པོ་ཆེ། དམག་དཔོན་ཆེན་མོ་ཚང་གི་སྐུ་སྲས་མཇལ་དུ་ཕེབས་འདུག" ཅེས་ཞུས་པར། བླ་རྒན་ཤན་མགྱོགས་པོར་ཡར་གདན་ལས་ལངས་ཏེ། "དེ་ན་ང་ཁོང་བསུ་རུ་འགྲོ" ཞེས་སོང་བ་དང་། གུས་བརྩི་ཆེན་པོས་གསར་བུ་ཞིག་ཡར་ནང་དུ་བསུས་འོང་།

ཏོག་ཙམ་ནས་གསར་བུ་དེ་ཕྱིར་རང་གནས་སུ་ལོག་རྗེས། གོ་ཆན་གྱིས་བླ་རྒན་ཤན་ལ། "ངས་ལྟ་ཚུལ་ལ། ཁྱེད་ནི་མི་དྲང་མོ་ཞིག་མ་རེད" "ང་དང་པོ་ཁྱེད་ཀྱི་མདུན་དུ་ཐོན་དུས། ཁྱེད་ཀྱིས་མིག་ཟུར་ཙམ་ཡང་ང་ལ་བལྟས་མ་སོང་། དམག་དཔོན་གྱི་བུ་ལ་ཁྱོད་ཀྱིས་གུས་ཞབས་ཞེ་དྲགས་ཞུས་སོང་བས། དེ་ལ་གནས་ལུགས་དང་རྒྱུ་མཚན་འདུག་གམ།" ཞེས་དྲིས། པ

བླ་རྒན་ཤན་གྱིས། "ཁྱོད་ངོ་མ་གླེན་པ་རེད། ང་ལ་མཚོན་ན། གུས་ཞབས་ཞུ་བ་དེ། དོན་ངོ་མར་གུས་ཞབས་ཞུ་ཡི་མེད་པ་ཡིན། གུས་ཞབས་མི་ཞུ་བ་དེ། དོན་ངོ་མར་གུས་ཞབས་ཞུ་ཡི་ཡོད་པ་ཡིན། ཞེས་ལན་བཏབ།

གོ་ཆན་གྱིས་བླ་རྒན་ཤན་མི་གཡོ་རྒྱུ་ཅན་ཞིག་ཡིན་པ་ཤེས་ཏེ། དབྱུག་རིང་ཞིག་གནམ་ལ་བཀྱག་སྟེ། ཤུགས་ཆེན་པོས་བླ་རྒན་གྱི་མགོ་ལ་གཅིག་གཞུས་ཏེ། ཁྱོད་ལྟར་ན། ཁྱོད་ལ་རྡུང་བ་ཡིན་ན། དོན་ངོ་མར་ཁྱོད་ལ་རྡུང་གི་མེད་པ་རེད། ཁྱོད་ལ་མ་རྡུང་བ་ཡིན་ན། དོན་ངོ་མར་ཁྱོད་ལ་རྡུང་གི་ཡོད་པ་མ་རེད། དེ་ལྟར་ན། ངས་ཁྱེད་ཀྱི་མགོ་ལ་དབྱུག་པས་གཞུས་པ་ཡིན་ཞེས་བཤད།

དེ་ནས་བཟུང་། བླ་རྒན་ཤན་གྱིས་རང་ཉིད་ཀྱི་ཀུན་སྤྱོད་མ་འགྲིག་པ་ཤེས་ཏེ། སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་ཐམས་ཅད་ན་གནས་པའི་སྐྱེས་ཕོ་མོ་ཡོངས་ལ་གུས་བརྩི་འདྲ་མཉམ་བྱས་སོ།། 

ཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Contact

Administrator 416-453-9887 admin@wildyaks.com