ཞུམ་མེད་སྙིང་སྟོབས།

28/07/2011 16:25

ངོ་ཚོ་བོད་རིགས་སྤུན་ཟླ།།

ཕན་ཚུན་མཛའ་བརྩེའི་སེམས་ཀྱིས།།

རྡོང་རྩ་ཆིག་བསྒྲིལ་ངང་ནས།།

མི་མང་ཞབས་འདེགས་ཞུ་ཆོག།

 

རྒྱལ་ཀུན་སྙིང་རྗེའི་ཕུང་བོ།།

ངུར་སྨྲིག་གར་གྱི་རྣམ་རོལ།།

གོང་ས་བསྟན་འཛིན་རྒྱ་མཚོས།།

ཅི་གསུང་བཀའ་བཞིན་བསྒྲུབ་ཆོག།

 

གངས་རི་རྭ་བས་བསྐོར་བའི།།

བོད་ལྗོངས་ཆོས་ཀྱི་ཞིང་སར།།

མང་གཙོ་རང་དབང་ལྡན་པའི།

ཆབ་སྲིད་འཛུགས་སྐྲུན་ཞུ་ཆོག།

 

ཆོལ་ཁ་གསུམ་གྱི་མི་རིགས།།

ཤ་ཁྲག་གཅིག་གི་སྤུན་ཟླ།།

དགྲ་བོའི་བཙན་གནོན་འོག་ནས།།

ཐེར་བའི་ཐབས་བརྩོན་ཞུ་ཆོག།

 

ལོ་གྲངས་མང་པོའི་བར་ལ།།

དགྲ་བོས་བཙན་གནོན་བཏང་བྱུང་།།

སྙིང་གི་དཀྱིལ་དུ་བཞག་ནས།།

དཀའ་སྤྱད་དྭང་ལེན་ཞུ་ཆོག།

 

ཕན་བདེ་ཀུན་གྱི་འབྱུང་གནས།།

རྒྱལ་བསྟན་དར་ཞིང་རྒྱས་ཏེ།།

བདེ་སྐྱེད་རྫོགས་ལྡན་གསར་བ།།

འཐོབ་པའི་ཐབས་ལ་འབད་ཆོག།

Contact

Administrator 416-453-9887 admin@wildyaks.com