ར་མ་དང་ཁྱི།

03/07/2017 09:52
ར་མ་དང་ཁྱི། 
 
༄༅ །། སྔོན་༼ཆད་ཅིག་༽ལ་ལུང་བ་ཞིག་ན་ར་མ་ཞིག་ཡོད།  ར་མ་དེ་ལ་གྲོགས་པོ་ཁྱི་ཞིག་ཡོད་པ་དང་ཁྱི་དེ་བཙན་པོ་ཞིག་ཡིན་པ་རེད། སྤྱང་ཀི་ཞིག་ཀྱང་ཡོད་པ་དེས་ར་མ་དེ་ཟ་བསམ་༼བཞིན་༽ཡོད་ནའང་། ཁྱི་དེས་ར་མ་ཟ་༼རུ་མ་བཅུག་༽པ་རེད། 

 
ཉིན་ཞིག་སྤྱང་ཀི་དེ་ཝ་མོའི་སར་སོང་སྟེ། ཨ་ཅེ་ཝ་མོ། ར་ཤ་ཟ་འདོད་དམ་ཞེས་དྲིས། ཝ་མོས་འདོད་དང་འདོད་ཅེས་ལན་བཏབ། སྤྱང་ཀིས་དེ་ན་ཁྱེད་ཀྱིས་ར་མ་དང་ཁྱི་གཉིས་ཁ་༼བཀར་༽ཐབས་༼གྱིས༽་དང་། ངས་ར་མ་བསད་རྗེས་འུ་གཉིས་ཀྱིས་བཟའ་༼ཆོག་༽ཞེས་བཤད། 
 
ཕྱི་ཉིན་ཝ་མོའི་༼སར་༽སོང་སྟེ། ཨ་ནེ། ཨ་ནེ་ར་མ། ཁྱེད་ནི་འདི་འདྲའི་གཞུང་དྲང་གཤིས་འཇམ་ཞིག་རེད།  ཁྱེད་ཀྱི་གྲོགས་པོ་ཁྱི་རྒན་དེ་གཤིས་ངན་ཤ་ཟན་ཞིག་རེད། ཁྱེད་ཀྱིས་ཁོ་ལ་༼དོགས་ཟོན་༽བྱེད་དགོས་༼ཞེས་༽ཁ་ཏ་བྱེད་ཁུལ་བྱས། 
 
དེ་དུས་ར་མའི་སེམས་སུ། ཝ་མོའི་སྐད་ཆ་ལ་རྒྱུ་མཚན་འདུག་བསམ་ཏེ། ཁྱི་དེའི་སར་སོང་ནས། ཡ་ཁྱི་རྒན། དེ་རིང་ནས་བཟུང་སྟེ་ཁྱོད་ངའི་གྲོགས་པོ་མིན། ཞེས་བཤད། 
 
ཁྱི་དེས་ར་མ་ལ། ངེད་གཉིས་གྲོགས་པོ་རྙིང་བ་རེད། ང་ནམ་ཡིན་ཡང་ཁྱེད་ཀྱི་གྲོགས་པོ་ཡིན་ཞེས་བཤད། ར་མས་ང་ཁྱེད་ཀྱི་གྲོགས་པོ་མིན། ཁྱོད་ད་ལྟ་རང་སོང་ཞེས་ཁྱི་རྒན་སྡོད་དུ་མ་བཅུག 
 
ནུབ་མོ་་དེར་ར་མ་གཅིག་པོ་ཡིན་སྐབས། སྤྱང་ཀི་སོང་སྟེ་ར་མ་བསད་ཅིང་ཝ་མོ་དང་མཉམ་དུ་ར་ཤ་ཟོས་ཤིང་ར་ཁྲག་འཐུང་ནས་བསྡད། 
 
ཁྱི་དེས་ར་མ་དྲན་ཏེ་འཚོལ་བར་སོང་ནའང་། ར་མ་མ་༼རྙེད་༽དེ་ནས་ཁྱི་དེ་ཡར་རི་མགོར་འཛེགས་ཏེ་སྐད་གསེང་མཐོན་པོས། ར་མ་ཡ་་་་ར་མ། གྲོགས་པོ། ངའི་གྲོགས་པོ།  ངའི་གྲོགས་པོ་བཟང་བོ་ཞེས་ཟུག་ཞོར་དུ་སྒུག་ནས་བསྡད། 

Contact

Administrator 416-453-9887 admin@wildyaks.com