སེང་གེ་དང་རི་བོང་།

03/07/2017 08:52

སེང་གེ་དང་རི་བོང་།

དེ་སྔོན་སེང་གེ་དང་རི་བོང་གཉིས་ཁྱིམ་མཚེས་ཡིན་ཞིང་།སེང་གེས་རི་བོང་ལ་དུས་རྒྱུན་དུ་ཐུབ་ཚོད་བྱས་ནས་སུན་པོ་བཟོ་བཞིན་ཡོད།

   ཉིན་ཞིག་རི་བོང་དེ་ལུང་པའི་ནང་གི་ཁྲོན་པ་ཞིག་གི་ཁར་ཉལ་ནས་འདུག་སྐབས།རང་ཉིད་ཁྲོན་པའི་ནང་དུ་ཤར་ཡོད་པ་མཐོང་བས། རི་བོང་གི་སེམས་ལ་སེང་གེ་འདུལ་བའི་དུས་ལ་སླེབས་འདུག་བསམ་སྟེ་སེང་གེ་བཙལ་དུ་ཕྱིན།

 

རི་བོང་གིས་སེང་གེ་མཐོང་མ་ཐག  ཨ་ཁུ་ལགས། ཨ་ཁུ་ལགས། ཨ་ཁུ་སེང་གེ་ལགས། ལུང་པའི་ནང་གི་ཁྲོན་པའི་ནང་ན་ཁྱེད་དང་འདྲ་བའི་སེམས་ཅན་ཞིག་གིས་ཁྱེད་བྲན་དུ་བཀོལ་རྒྱུ་ཡིན་ཞེས་ཁ་ཤོབ་འཐེན་བཞིན་འདུག་ཅེས་བཤད།


སེང་གེས་རི་བོང་ལ།ང་སེམས་ཅན་དེའི་གམ་ལ་ཁྲིད་དང་ངས་ཁོ་ཕམ་པར་རྒྱག་ཆོག་ཅེས་བཤད། རི་བོང་གིས་སེང་གེ་ཁྲོན་པ་ཡོད་སར་ཁྲིད། སེང་གེས་རང་ཉིད་ཁྲོན་པའི་ནང་དུ་མཐོང་དུས་རང་ལ་འགྲན་སློང་མཁན་གྱི་སེམས་ཅན་དེ་རེད་བསམ་སྟེ།  ངར་སྐད་དང་བཅས་ཁྲོན་པའི་ནང་དུ་མཆོངས།

དེ་ནས་བཟུང་རི་བོང་ལ་ཐུབ་ཚོད་བྱེད་མཁན་མེད་པར། བློ་བདེ་བོའི་ངང་སྐྱིད་པོ་བྱས་ནས་བསྡད་པ་རེད།
 

Contact

Administrator 416-453-9887 admin@wildyaks.com