སྟག་གླེན་པ།

03/07/2017 09:51
སྟག་གླེན་པ། 
 
ཝ་མོ་ཞིག་ནགས་འདབས་ལ་ཉལ་ནས་བསྡད་ཡོད་སྐབས། སྟག་ཅིག་གིས་ཝ་མོའི་རྔ་མར་འཇུས་ཏེ། “ཡ་ཝ་མོ།  ང་ལྟོགས་ནས་མི་བཟོད་ཀི། ད་ངས་ཁྱོད་བཟའ་རྒྱུ་ཡིན" ཞེས་བཤད། 
 
ཝ་མོ་སྐྲག་སྟེ། ཨ་བུ་སྟག  བཟའ་མི་ཉན། ང་བཟའ་མི་ཉན། ངའི་ལུས་ལ་དུག་ཡོད་ཅེས་སྐད་བརྒྱབ། སྟག་ན་རེ། རྫུན་མ་བཤད། ང་ངོ་མ་ལྟོགས་ནས་མི་བཟོད་ཀི་ཞེས་མཆེ་བ་གཙིགས།
 
ཝ་མོས། ཨ་བུ། ངའི་ལུས་ལ་ངོ་མ་དུག་ཡོད། ཁྱོད་ལ་དུག་ཕོག་སྟེ་ཤི་བ་ཡིན་ན་གཅན་གཟན་དང་རི་དགས་ཀྱི་རྒྱལ་བོ་སུ་ཡིས་བྱེད་ཅེས་བཤད་པ་དང་། གལ་སྲིད་ང་ལ་ཡིད་མི་ཆེས་ན་ངེད་གཉིས་གཞན་ལ་འདྲི་རུ་འགྲོ་ཞེས་གྲོས་བཏོན།  
 
དེ་ནས་སྟག་དང་ཝ་མོ་གཉིས་གཞན་ལ་འདྲི་རུ་སོང་། ལམ་བར་དུ་གཅན་གཟན་དང་རི་དགས་ཚང་མས་སྟག་མཐོང་བ་དང་བྲོས་སོང་། སྟག་གི་སེམས་ལ། ཝ་མོའི་ལུས་ལ་དུག་ཡོད་པས་གཅན་གཟན་དང་རི་དྭགས་རྣམས་འབྲོ་བཞིན་འདུག་བསམ་ནས་ཧང་སངས་།
 
དེ་ནས་ཝ་མོས། ཨ་བུ། ཁྱེད་ལ་གཅན་གཟན་གྱི་རྒྱལ་བོ་བྱེད་འདོད་མེད་ན། ང་ཟོ་དང་། ང་ལ་འགྱོད་པ་མེད་ཅེས་བཤད།  སྟག་ན་རེ། མིན། མིན། ངས་ཁྱོད་བཟའ་མི་ཉན་ཞེས་བཤད་ཞོར་དུ་མཆོང་མ་ལྡིང་གིས་བྲོས་སོང་།

Contact

Administrator 416-453-9887 admin@wildyaks.com