ཅལ་སྒྲ་ཐོས་པའི་རི་བོང།

21/05/2015 09:27

ཅལ་སྒྲ་ཐོས་པའི་རི་བོང་གིས། །
སྲོག་ཆགས་ཟླ་བོ་སྐྲོག་ལ་ལྟོས།།

སྔོན་ཆད་མཚེའུ་ཞིག་གི་འགྲམ་ན། ནགས་ཚལ་ཞིག་ཡོད་པ་དང་། ནགས་ཚལ་དེར་རི་བོང་ཞིག་གནས་ཡོད་པ་རེད། ཉིན་ཞིག་སྡོང་བོ་ཞིག་གི་སྟེང་ནས་ཤིང་ཏོག་ཞིག་མཚེའུའི་ནང་དུ་ལྷུང་སྟེ་ཅལ་ཞེས་པའི་སྒྲ་བྱུང་བ་རི་བོང་གིས་ཐོས་ཏེ་སྐྲག་ནས་བྲོས་སོ། །

ཝ་ཞིག་གིས་རི་བོང་བྲོས་པ་མཐོང་ནས་སྨྲས་པ། ཡ།རི་བོང་ཁྱོད་ཅི་ཞིག་ལ་འབྲོ་ཞེས་དྲིས། རི་བོང་གིས་ཅལ་བྱུང་ངོ་ཟེར། དེ་ནས་ཝ་ཡང་བྲོས་སོ། དེ་བཞིན་དུ་སྤྲེའུ་དང་། ཕག་རྒོད། མ་ཧེ། བསེ་རུ། གླང་བོ་ཆེ། དོམ། དྲེད། གུང་། སྟག  སེང་གེ་རྣམས་ཀྱང་བྲོས་སོ།

དེ་ནས་རི་འདབས་ཤིག་ན། སེང་གེ་རལ་བ་ཅན་ཞིག་ཡོད་པ་དེས་འབྲོ་བཞིན་པའི་རི་དྭགས་དང་གཅན་གཟན་རྣམས་བྲོས་པ་མཐོང་ནས་སྨྲས་པ། ཁྱེད་ཅག་སྡེར་མོ་ཅན་དང་མཆེ་བའི་སྟོབས་ཅན་ཡིན་ན། ཅི་ཞིག་ལ་འབྲོ་ཞེས་དྲིས།

དེ་དག་གིས་ཅལ་བྱུང་ངོ་ཞེས་ལན་བཏབས། སེང་གེ་རལ་བ་ཅན་གྱིས། ཡ་དེ་ན་ཅལ་ཟེར་བ་དེས་གང་ནས་བྱུང་བ་རེད་ཅེས་དྲིས།
ཡང་དེ་དག་གིས་གང་ནས་བྱུང་བ་མ་ཤེས་ཞེས་ལན་བཏབས། དེ་ནས་སེང་གེ་རལ་བ་ཅན་གྱིས། དེས་ན་མ་འབྲོ་ཞིག་ང་ཚོས་བརྟག་པར་བྱའོ་ཟེར་ནས།

ཁྱེད་ཅག་ལ་སུས་སྨྲས་ཞེས་པ་ལ། སྟག་གིས་བཤད་སོང་ཟེར། དེ་བཞིན་དུ་ཝས་བཤད་སོང་ཟེར། ཝས་རི་བོང་གིས་བཤད་སོང་ཟེར། རི་བོང་ལ། ཁྱེད་ལ་སུས་སྨྲས་སོང་ཞེས་དྲིས། རི་བོང་གིས་ངས་འཇིགས་པ་དེ་དངོས་སུ་མཐོང་བྱུང་ཟེར།

དེ་ནས་སེང་གེ་རལ་བ་ཅན་གྱིས་དེ་རྣམས་ཁྲིད་དེ་ཤིང་བིལ་བའི་ཚལ་དུ་དོན་དེ་བརྟག་པར་ཕྱིན། ཁོང་ཚོ་ས་དེར་ཐོན་པ་དང་། བིལ་བ་ཞིག་མར་མཚེའུའི་ནང་དུ་ལྷུང་སྟེ་ཅལ་ཞེས་སྒྲ་བྱུང་བ་དང་དུས་མཉམ།

སེང་གེ་རལ་བ་ཅན་གྱིས་འདི་ནི་བིལ་བ་མར་མཚེའུའི་ནང་དུ་ལྷུང་བའི་སྒྲ་ཡིན་པ་ལས། འཇིགས་སྐྲག་བྱེད་དགོས་པའི་དོན་རྐྱེན་ཞིག་མ་ཡིན་ནོ་ཞེས་བསླབ་བྱ་བྱས་ནས་ཕྱིན་སོང་ངོ་།།


  • མཁས་གྲུབ་གྱིས་བསྡུ་སྒྲིག་བྱས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ཅལ་སྒྲ་ཐོས་པའི་རི་བོང།

sildenafil vs tadalafil

AFrauckcica | 20/06/2020

<a href="https://cialisle.com/">cialis 20 mg</a>

New comment