དབུ་ཁྲིད་ཀྱི་ཁྱད་ཆོས་དང་དགེ་མཚན་སྐོར་གྱི་བསླབ་བྱ་གྲགས་ཅན།

12/12/2017 20:18

Leadership is not a position or a tittle. It is action and example. 

དབུ་ཁྲིད་ཀྱི་འཇོན་ནུས་ནི་གོ་གནས་ཙམ་དང་ཡང་ན་མཚན་བྱང་ཙམ་ཞིག་མ་ཡིན་པར། དེ་ནི་ལག་ལེན་ཞིག་དང་མིག་དཔེ་ཞིག་ཡིན། 

 

Leaders don't create followers, they create more leaders. Tom Peters

དབུ་ཁྲིད་ཚོས་རྗེས་སུ་འབྲང་མཁན་གསོ་སྐྱོང་བྱེད་རྒྱུ་དེ་མ་ཡིན་པར། འགོ་ཁྲིད་མཁན་གསོ་སྐྱོང་བྱེད་དགོས་སོ།-ཁྲོམ་ཕས་ཊར་སུ། 

 

Great leaders don't tell you what to do. They show you how it's done. 

རླབས་ཆེན་གྱི་དབུ་ཁྲིད་ཚོས་ཁྱེད་ལ་ཅི་ཞིག་བྱེད་དགོས་པ་མི་བཤད་པར། ཁྱེད་ལ་ག་འདྲ་བྱས་ནས་ལེགས་འགྲུབ་ཡོང་བར་ལམ་སྟོན་བྱེད་པ་དེའོ། 

 

Leaders become great, not became of there power, but because of their ability to empower others.

དབུ་ཁྲིད་ཚོ་རླབས་ཆེན་དུ་འགྱུར་བ་ནི་ཁོང་ཚོར་དབང་ཆ་ཡོད་པས་མ་ཡིན་པར། དེ་ནི་གཞན་དག་ལ་ནུས་སྟོབས་སྤེལ་བའི་འཇོན་ཐང་ཡོད་པས་ཡིན། 

 

You don't have to hold a position in order to be a leader. Anthony J. D Angelo. 

དབུ་ཁྲིད་ཅིག་ཏུ་འགྱུར་བ་ལ་ཁྱེད་ཀྱིས་ངེས་པར་དུ་གོ་གནས་ཤིག་འཛིན་དགོས་པ་མ་ཡིན། ཨན་ཐོ་ནེ་ཇེ་ཊས་ཨན་ཇེ་ལོ། 

 

Leaders take all the blame and give away all the credit. 

དབུ་ཁྲིད་ཚོས་སྐྱོན་བརྗོད་ཆ་ཚང་རང་ཉིད་ཀྱིས་དང་ལེན་བྱས་ཏེ་དགེ་མཚན་ཡོད་ཚད་ཕར་སྤྲོད་ཐུབ་པ་དེའོ།

 

A Leader is one who knows the way, goes the way, and shows the way. John C.Maxwell.

དབུ་ཁྲིད་ནི་ལམ་ལ་ཞུགས་ཤེས་པ་ཙམ་ཡིན་པ་མ་ཟད། ལམ་དེར་ཞུགས་ནས་ལམ་སྟོན་མཁན་དེའང་ཡིན་ནོ།-ཇོན་སས་མ་ཁུ་སུ་བེལ། 

 

As a leader, the first person I need to lead is me. The first person that I should try to change is me. 

དབུ་ཁྲིད་ཅིག་ཡིན་པའི་ཆ་ནས། དང་པོ་སྣེ་ཁྲིད་སའི་མི་དེ་ནི་རང་ཉིད་ཡིན་ལ།འགྱུར་བ་དང་པོ་གཏོང་སའི་མི་དེའང་རང་ཉིད་དོ།

 

Leadership is not about being in charge. Leadership is taking care of those in your charge. Simon Sinek

དབུ་ཁྲིད་ཀྱི་འཇོན་ནུས་ནི་དཔོན་པོ་བྱེད་རྒྱུའི་སྐོར་མ་ཡིན་པར།དཔོན་པོ་བྱེད་སའི་མི་རྣམས་ལ་ལྟ་སྐྱོང་བྱེད་རྒྱུ་དེའོ།-

སས་མོན་སས་ནེའུ་ཁུ། 

 

 No man will make a great leader who wants to do it all himself, or to get all the credit for doing it. —Andrew Carnegie

རང་ཉིད་ཁོ་ནས་ཡོད་ཚད་སྒྲུབ་འདོད་པ་དང་། དེ་ལ་བརྟེན་པའི་དགེ་མཚན་ཡོད་ཚད་རང་ཉིད་ཁོ་ནར་དབང་བར་འདོད་མཁན་གྱི་གང་ཟག་དེ་ནམ་ཡང་རླབས་ཆེ་བའི་དབུ་ཁྲིད་ཅིག་ཏུ་འགྱུར་མི་སྲིད།-ཨན་ཌི་རུས་ཁར་ནེ་ཇེས། 

 

 

 

If your actions inspire others to dream more, learn more, do more and become more, you are a leader. —John Quincy Adams

གལ་སྲིད་ཁྱེད་ཀྱི་སྤྱོད་ལམ་གྱིས་མི་གཞན་པར་ཡིད་འགུལ་ཐེབས་ནུས་པ་དང་།རྨི་ལམ་མང་དུ་རྨི་རུ་འཇུག་ཐུབ་པ། ལས་ཀ་མང་པོ་བྱེད་དུ་འཇུག་པ། སློབ་སྦྱོང་མང་པོ་བྱེད་དུ་འཇུག་པ་སོགས་སྐུལ་ཐུབ་ན་ཁྱེད་ནི་དབུ་ཁྲིད་ཡང་དག་ཅིག་ཡིན།-

 

ཇོན་ཁུན་སས་འ་ཊམ་སུ།