ཡི་དམ་བཀྲ་ཤིས།

19/07/2016 16:11

ངའི་མིང་ལ་ཡི་དམ་བཀྲ་ཤིས་ཟེར། འཚོལ་སྙེག་ཅིག་གམ་ཐུན་མོང་གི་ལས་དབང་དེས་རྐྱེན་པས་རང་ཡུལ་ནས་བྲོས་བྱོལ་དུ་བསླེབས་ཤིང་། འཛིན་རིམ་བཅུ་གཉིས་བར་སུ་ཇཱ་བོད་ཁྱིམ་དུ་སློབ་གཉེར་བྱས། སློབ་ཞོར་ལ་སློབ་གྲྭའི་དུས་དེབ་< ཟམ་པ > དང་< གངས་ཟླ > སོགས་ཀྱི་རྩོམ་སྒྲིག་པའི་འགན་འཁུར་མྱོང་ཞིང་། རང་ཉིད་དང་བློ་ཐག་ཉེ་བའི་གྲོགས་པོ་ཞིག་དང་ལྷན་དུ་< བརྩེ་དུངས་ཚགས་པར > ཞེས་པའི་སྒེར་གྱི་ཚགས་པར་ཞིག་ཀྱང་ཉར་མྱོང་། ད་ལྟ་མ་རྡ་ར་སི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་གཞོན་གྱི་འགན་འཁུར་མུས་ཐོག་སྲིད་དོན་ཚན་རིག་ལ་སློབ་གཉེར་བྱེད་བཞིན་ཡོད། བྱིས་པ་ནི་མི་རིགས་འདིའི་ལང་ཚོ་ཡིན་ན། སྐད་ཡིག་ནི་བླ་སྲོག་དེར་བརྒྱུས་པའི་ཟུངས་ཁྲག་གི་བཞུར་རྒྱུན་རིང་མོ་དེ་ཡིན་པས། རི་སྤྱང་གི་ངུ་ཟུག་ན་ལ་གཟན་ཡང་། དགའ་སྡུག་གི་འཚོ་བ་གདོང་ལ་བབས་ཀྱང་། གངས་དཀར་ཨ་མའི་ཤུལ་བཞག་གི་སྨུ་ཐག་གཅོད་དུ་མི་རུང་བ་ནི་རང་ཉིད་ཀྱིས་" བོད " ་ཅེས་པའི་ཐ་སྙད་འདི་འགྲེལ་ཚུལ་ཞིག་གོ