གངས་རིའི་ཉི་མ།

དྲིན་ཆེན་ཕ་མ་ཟུང་གིས་བདག་ལ་ཉི་མ་ཞེས་པའི་འབོད་མིང་སྙིང་རྗེ་བོ་ཞིག་གནང་འདུག སྨྱུ་གུ་བཟུང་ནས་རྩོམ་ཡིག་ཐར་ཐོར་རེ་འབྲི་ཤེས་པའི་དུས་དེ་ནས་བཟུང་། ངས་ཚེ་སྲོག་གི་གཏིང་མཐར་བཞད་པའི་མི་ཚེའི་རིན་ཐང་ཅེས་པའི་ཐ་སྙད་ཅིག་གི་རྨི་ལམ་འཚོལ་མགོ་བརྩམས་པ་ཡིན། དུས་དེ་ནས་བཟུང་། བདག་གི་མི་ཚེའི་རིན་ཐང་ལྟ་ཚུལ་དང་མི་ཚེའི་འགྲུལ་བཞུད་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཐེབས།  གང་ལྟར། མི་ཚེའི་འགྲུལ་བཞུད་འདིའི་ཁྲོད་དུ། ངས་རང་ཉིད་ཕ་ཡུལ་གྱི་མུན་ཁྲོད་ན་འབར་བཞིན་པའི་འོད་སྣང་རྐང་གཅིག་ཡིན་ནའང་སྙམ་པའི་སྨོན་པ་ཡང་ཡང་ཤོར། དེའི་ཕྱིར། ངས་རང་ཉིད་ལ་གངས་རིའི་ཉི་མ་ཞེས་པའི་རྟེན་འབྲེལ་གྱི་མིང་བྱང་འདི་བཏགས་པ་ཡིན།སྤྱི་ལོ་ ༢༠༠༣ ལོར་ན་ཚོད་མ་སྨིན་པའི་ན་གཞོན་ཞིག རང་གི་ཕ་ཡུལ་ཨ་མདོ་རྔ་བ་དང་ཁ་གྱེས་ནས་ལྷོ་ཕྱོགས་སུ་ཕུགས་བསམ་དང་རྨི་ལམ་འཚོལ་བར་བཞུད་སོང་། བོད་བཙན་པོའི་བུ་རབས་ས་མཐར་འཁྱམས་དགོས་པའི་དུས་ཚོད་འདིར། ངས་ཀྱང་རང་ལ་བབས་འོས་པའི་རྡོག་ཁྲེས་ལྗིད་པོ་འདི་ཁུར་ནས་ཕུ་ནུ་མིང་སྲིང་ཚོའི་ཆེད་དུ་ས་མཐའ་ནས་ས་མཐའ་འགྲིམ་བཞིན་ཡོད། མི་ལོ་མང་བོར་འབད་འབད་དུང་དུང་གིས་བསགས་པའི་ཤེས་ཡོན་གྱི་འདབ་གཤོག་འདི་བརྐྱངས་ནས། ད་ལྟ་བདག་སློབ་གསོ་རིག་པའི་གཞུང་ལུགས་ཀྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་ཡོད། 

I was given a beautiful name called Myima and was born in Amdo Ngawa, Tibet. As a son of peasant, I grew up in a remote village surrounded by greenery farms and mountains.  Since I started to realise who am I and what is my responsibility as the seed of future Tibet. I always want to be a parking light in the darkness of Tibet where I can share some lights with my fellow brothers and sisters. For the purpose of future dream, I left my lovely family and beautiful homeland and started a further academic journey since 2003.   After making paramount of hard work, I finally materialised my dream and successfully graduate high school in 2014. Today, as a proud Tibetan student, I am leading my life on the path of education. I have numerous awards and certificates on my credit and I also engaged in many social works. This is my life and this is my direction, I will never stop my journey until I have accomplished my dreams.