བྱིས་པའི་དཔེ་ཀློག་སྐོར་གྱི་བསླབ་བྱ་གྲགས་ཅན་བཅུ།

 

བྱིས་པའི་དཔེ་ཀློག་སྐོར་གྱི་བསླབ་བྱ་གྲགས་ཅན་བཅུ། 

 

Any book that helps a child to form a habit of reading, to make reading one of his deep and continuing needs, is good for him.

Maya Angelou 

 

1. དཔེ་དེབ་ཇི་འདྲ་ཞིག་ཡིན་ཡང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་བསྐྱེད་སྲིང་བྱེད་པར་ཕན་གྲོགས་བྱེད་པ་དང་།བྱིས་པའི་སེམས་གཏིང་གི་རྒྱུན་མཁོ་རུ་གྱུར་བ་ཡིན་ན་བྱིས་པར་ཕན།

 

There is no such thing as a child who hates to read; there are only children who have not found the right book. Frank Serafini 

 

2. དཔེ་ཀློག་ལ་མི་དགའ་བའི་བྱིས་པ་གཅིག་ཀྱང་མེད་མོད།བྱིས་པའི་བློ་དང་འཚམ་པའི་དཔེ་དེབ་ཅིག་མ་རྙེད་པས་རེད། 

 

“Children are made readers on the laps of their ...”  Emilie Buchwald

 

3. བྱིས་པ་ཚོ་དཔེ་ཀློག་ལ་དགའ་བ་ཞིག་བྱེད་ས་དེ་ཕ་མ་གཉིས་ཀྱི་པང་རེད། 

 

Reading should not be presented to children as a chore, a duty. It should be offered as a gift. 

Kate DiCamillo 

 

4. དཔེ་ཆ་ཀློག་པ་ནི་བྱིས་པའི་ལས་ཀ་དང་འོས་འགན་ཡིན་པའི་འདུ་ཤེས་སྤྲོད་མི་ཉན་པར།དེ་ནི་ལེགས་སྐྱེས་ཡག་པོ་ཤིག་སྤྲོད་ཀྱི་ཡོད་པའི་ཚོར་བ་སྤྲོད་དགོས།

 

 

There is no substitute for books in the life of a child. May Ellen Chase   

 

5. བྱིས་པའི་འཚོ་བའི་ཁྲོད་དུ་སུ་ཞིག་གིས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པ་དེ་ནི་དཔེ་ཆ་ཡིན།

 

There are many little ways to enlarge your child's world. Love of book is the best of all. 

Jacqueline Kennedy

 

6. བྱིས་པའི་འཇིག་རྟེན་ཇེ་ཆེ་རུ་གཏོང་ཐབས་ཀྱི་བྱེད་ཐབས་ཆུང་ཆུང་མང་པོ་ཡོད་ཀྱང་།དཔེ་དེབ་ལ་དགའ་ཞེན་བྱེད་པ་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་བ་དེའོ།

 

Once you learn to read, you will be forever free.” – Frederick Douglass

 

7 ཁྱོད་ཀྱིས་དཔེ་དེབ་་ཀློག་ཤེས་པ་ན། ཁྱོད་རང་བསྐལ་བའི་བར་དུ་རང་དབང་ཡིན། 

 

There is no friend as loyal as a book. Erneet Hemingway 

8. དཔེ་དེབ་ནང་བཞིན་གྱི་བློས་ཐུབ་གྱི་གྲོགས་པོ་ཞིག་འཇིག་རྟེན་ན་མེད།

 

“Today a reader, tomorrow a leader

Margaret Fuller 

9. དེ་རིང་གི་དཔེ་ཀློག་བྱེད་་མཁན་དེ།སང་ཉིན་གྱི་དབུ་ཁྲིད་ཡིན། 

 

If you want your children to be intelligent, read them fairy tales. 

Albert Einstein 

 

10. གལ་སྲིད་ཁྱོད་ཀྱིས་རང་ཉིད་ཀྱི་བྱིས་པ་རྣམ་དཔྱོད་ལྡན་པ་ཞིག་ཏུ་འགྱུར་བར་འདོད་ན། བྱིས་པར་བྱིས་སྒྲུང་མང་པོ་ཀློག་དགོས། 

 

 

      གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྱུར། 

      སྤྱི་ལོ་2017 ལོའི་སྤྱི་ཟླ་10 བའི་ཚེས 27 ལ། 

 

 

Contact

Administrator 416-453-9887 admin@wildyaks.com