བྱིས་པའི་རྩེད་གླུ།

མེ་ཏོག་འཐུ་རུ་འགྲོ། མེ་ཏོག་འཐུ་རུ་འགྲོ།

གྲོགས་པོ་ཆུང་ཆུང་ཚོ། མེ་ཏོག་སེར་ཆེན་འཐུ་རུ་འགྲོ།

སྨྱུག་མའི་རྟ་ཕོ་ཞོན་ནས་། ཨོང་ཤ་ལག་པའི་འབྲབ་ནས།

མེ་ཏོག་སེར་ཆེན་འཐུ་རུ་འགྲོ། གྲོགས་པོ་ཆུང་ཆུང་ཚོ།།

 

ཆུ་ཁར་འགྲོ། ཆུ་ཁར་འགྲོ།།

གྲོགས་པོ་ཆུང་ཆུང་ཚོ། རྩེད་མོ་རྩེ་རུ་ཆུ་ཁར་འགྲོ།།

འདམ་གྱི་སྦྲ་གུར་ཕིབས་ནས། མནའ་མ་མག་པ་བྱས་ནས།

རྩེད་མོ་རྩེ་རུ་ཆུ་ཁར་འགྲོ། གྲོགས་པོ་ཆུང་ཆུང་ཚོ།།

 

སློབ་གྲྭར་འགྲོ། སློབ་གྲྭར་འགྲོ།།

གྲོགས་པོ་ཆུང་ཆུང་ཚོ། ཀ་ཁ་སློབ་པར་སློབ་གྲྭར་འགྲོ།།

སློབ་ཁང་གྲུ་བཞི་ནང་ལ། དགེ་རྒན་བཟང་པོ་མདུན་ལ།

སློབ་སྦྱོད་བྱེད་དུ་སློབ་གྲྭར་འགྲོ། གྲོགས་པོ་ཆུང་ཆུང་ཚོ།།

 ༢༠༡༣་༣་༢་ཉིན་སོག་མདས་བྲིས།།

 

 

Contact

Administrator 416-453-9887 admin@wildyaks.com