མ་བཟང་གི་བུ།

 ༄༅།། སྔོན་སྐྱིད་གྲོང་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ན་ཁྱིམ་ཚང་དབུལ་བོ་ཞིག་ཡོད་པ་དང་། ཁྱིམ་དེ་ན་མཁྱེན་རྒྱ་ཡངས་པའི་ཨ་མ་བདེ་སྐྱིད་ཟེར་བ་ཞིག་དང་གཤིས་རྒྱུད་བཟང་བའི་བུ་ཆུང་བསྟན་འཛིན་ཟེར་བ་ཞིག་ཡོད། ཨ་མ་བདེ་སྐྱིད་ཀྱིས་བུ་ཆུང་བསྟན་འཛིན་ལ། གཞན་དོན་བསྒྲུབ་ན་རང་དོན་ཞོར་ལ་འགྲུབ་འོང་ཞེས་བསླབ་བྱ་ཡང་ཡང་གནང་བས། གཞན་ལ་རོགས་རམ་བྱེད་རྒྱུ་ནི་བུ་ཆུང་བསྟན་འཛིན་གྱི་རང་གཤིས་སུ་གྱུར་ཡོད། 

 

ཉིན་ཞིག་བུ་ཆུང་བསྟན་འཛིན་ཕྱུག་བདག་ཚང་ལ་ཕྱུགས་འཚོ་རོགས་སུ་སོང་ནས་ཕྱིར་རང་ཁྱིམ་དུ་ལོག་སྐབས་སུ།  ཕྱུག་བདག་གི་བུ་རྟ་འགྲིན་སྐྱབས་ཀྱིས་ཁོའི་འགྲོ་ལམ་བཀག་སྟེ། ཡ་སྤྲང་ཕྲུག  ཁྱོད་མི་བསོད་ཟད་ཅིག་ངེད་ཚང་གི་ཟོག་ནང་དུ་འཁོར་བསྡད་ན།  ངེད་ཚང་གི་ནོར་གཡང་ཉམས་འགྲོ་བས།  དེ་རིང་ནས་བཟུང་ངེད་ཚང་གི་ཕྱུགས་ཟོག་དང་ཐག་ཉེ་སར་གཏད་ནས་ཡོང་མི་ཆོག་ཅེས་བཤད་པ་དང་། རྟའི་འཕོང་ལ་ལྕག་གིས་གཅིག་གཞུས་ཏེ་ཕྱིར་རྒྱུགས་སོང་།

དེ་ནས་བུ་ཆུང་བསྟན་འཛིན་ནང་དུ་སོང་ནས་ཕྱུག་བདག་གི་བུ་རྟ་འགྲིན་སྐྱབས་ཀྱིས་བཤད་པའི་སྐད་ཆ་རྣམས་ཨ་མར་བཤད་པས།  ཨ་མས་དབུག་རིང་ཞིག་འཐེན་ཞོར་དུ།  ལས་དབང་ཐང་ནི་རྒྱུ་ནོར་ཁོ་ན་ལས་འབྱུང་བ་ཞིག་མིན་པས། ད་ནས་བཟུང་ཁྱོད་ཀྱིས་སློབ་སྦྱོང་གི་ཕྱོགས་ལ་འབད་བརྩོན་བྱོས་དང་། ཕྱུག་བདག་གི་བུ་གླེན་པ་དེ་ནམ་ཉི་མ་ཞིག་ལ་ཁྱོད་ཀྱིས་རོགས་རམ་ལ་བརྟེན་དགོས་པ་ཨ་མ་ངས་ཁ་ཚོན་གཅོད་ཐུབ་ཞེས་བཤད་ནས་བུ་ཆུང་བསྟན་འཛིན་ལ་སློབ་སྦྱོང་བྱེད་དུ་བཅུགས་སོ།། 

དེ་ནས་བུ་བསྟན་འཛིན་ཀྱིས་ཕྱུགས་འཚོ་ཞོར་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་དང་ཡིག་གེ་འབྲི་ཀློག་སོགས་ལ་ཐོག་པ་མེད་པར་གྱུར་སྐབས་སུ། ཨ་མ་བདེ་སྐྱིད་ཀྱིས་རྒྱུ་ནོར་གྱི་ཕྱེད་ཀ་བཙོངས་ཏེ་བུ་བསྟན་འཛིན་སློབ་གྲྭར་བསྐྱལ། བུ་བསྟན་འཛིན་གྱིས་སློབ་གྲྭ་རིམ་པར་འགྲིམས་ནས་མཐར་སློབ་ཆེན་ནས་ཕྱིན།  དེ་ནས་ཕྱིར་སྐྱིད་གྲོང་དུ་ལོག་སྟེ་ཡུལ་མི་ཁྱིམ་མཚེས་རྣམས་ལ་འགྲོ་ས་འདུག་ས་ནས་བསླབ་བྱ་བརྒྱབ་སྟེ། བྱིས་པ་མང་པོ་སློབ་གྲྭར་འཇུག་རོགས་བྱས་ནས་ཡུལ་མི་ཁྱིམ་མཚེས་ཀུན་གྱིས་བཀུར་ཡུལ་ཞིག་ཏུ་གྱུར།

སྐབས་དེར་ཕྱུག་བདག་གི་བུ་རྟ་འགྲིན་སྐྱབས་ཀྱིས་དབུལ་བོའི་བུ་བསྟན་འཛིན་ལ་ཡུལ་མི་རྣམས་ཀྱི་རང་ཉིད་ལས་ལྷག་པའི་གུས་བཀུར་བྱེད་བཞིན་པ་མཐོང་དུས། སེམས་ལ་མི་བཟོད་པའི་ཕྲག་དོག་ཅིག་སྐྱེས་ཏེ། མཐར་སྲོག་རླུང་ཞུགས་ནས་ཉི་མ་མང་བོར་ཉལ་སར་ལྷུང་།   དེ་ནས་བུ་བསྟན་འཛིན་ཕྱུག་བདག་ཚང་ལ་སོང་སྟེ། རྒྱུ་ནོར་ནི་དབང་ཐང་གི་འབྱུང་རྩ་ཞིག་ཡིན་ནའང་།  བེད་སྤྱོད་བྱེད་མ་ཤེས་ན་སྡུག་བསྔལ་གྱི་རྒྱུ་ཡིན་པའི་གནས་ལུགས་དང་རྒྱུ་མཚན་མང་བོ་བཤད་དོ། 

ཕྱུགས་བདག་གིས་ཁོའི་བུ་རྟ་འགྲིན་སྐྱབས་ནད་འདི་ལས་ཐར་ཐབས་ཤིག་ཡོད་ན།  རྒྱུ་ནོར་ལ་འཕང་སེམས་མེད་ཅེས་བློ་ཐག་ཆོད་པོས་བཤད།   བུ་བསྟན་འཛིན་གྱིས་སྐྱིད་གྲོང་དུ་སློབ་གྲྭ་ཞིག་འཛུགས་ཐུབ་ན། བུ་རྟ་འགྲིན་སྐྱབས་ནད་ལས་ཐར་ཐུབ་པའི་སློབ་སྟོན་གནང་། དེ་ནས་ཕྱུག་བདག་གིས་རྒྱུ་ནོར་བཏང་སྟེ་ཡུལ་དེར་སློབ་གྲྭ་གསར་བ་ཞིག་བརྒྱབ་པ་དང་བུ་བསྟན་འཛིན་དང་ལྷན་དུ་ཡུལ་དེའི་བྱིས་པ་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཡག་པོ་སྦྱིན།  དུས་དེ་ནས་བཟུང་ཡུལ་མི་རྣམས་ཀྱིས་དབུལ་བོའི་བུ་བསྟན་འཛིན་དང་ཕྱུག་བདག་གི་རྟ་འགྲིན་སྐྱབས་གཉིས་ལ་གུས་བཀུར་འདྲ་མཉམ་བྱས་པས།  རྟ་འགྲིན་སྐྱབས་ཀྱི་ལུས་ཀྱི་བདེ་ཐང་ཡང་ཉིན་རེ་ནས་ཉིན་རེར་ཇེ་ལེགས་དུ་སོང་ནས་མཐར་ནད་ལས་ཐར་རོ།།  

 

མཚོ་སྔོན་འཇམ་དབྱངས་ཀྱིས་ལེགས་བཅོས་བྱས་པ་དང་མཁས་གྲུབ་གྱིས་རི་མོ་བྲིས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: མ་བློ་གྲོས་ཅན་གྱི་བུ།

cheap seroquel no prescription

afterse | 06/08/2021

<a href=https://cialiswwshop.com/>best price cialis 20mg</a>

p riodique sp cialis

afterse | 19/07/2021

<a href=https://vscialisv.com/>buy cialis viagra</a>

cuba cialis

afterse | 01/07/2021

<a href=https://clomidset.com/>buy clomid online australia</a>

generic cialis online mastercard

afterse | 16/06/2021

<a href=https://sscialisvv.com>cheapest cialis online

cuba cialis

afterse | 01/07/2021

<a href=https://clomidset.com/>buy clomid online australia</a>

cialis egypt

afterse | 30/05/2021

<a href=https://vsviagrav.com/>viagra effective

generic cialis online mastercard

afterse | 16/06/2021

<a href=https://sscialisvv.com>cheapest cialis online

New comment